当前位置:育儿知识大全 歌谱大全内容页

心镜 扎西措 歌词

心镜 - 扎西措

词:白玛旺毛

曲:智旺桑珠

སྨུག་ལང་ལིང་འཐིབས་པའི་ལུང་ཁུག་ཏུ།།

ངའི་ཨ་མྱེ་རྒན་པོའི་ལོ་རྒྱུས་ཡོད།།

འུར་ཁྲ་ཆུང་ཞིག་གི་རི་མོ་ལ།།

འབྲོང་དར་མ་འཚོས་པའི་རྣམ་ཐར་ཡོད།།

གླུ་ཨ་ལ་ལ་མོ་ངས་ལེན།གླུ་ཐ་ལ་ལ་མོ་ངས་ལེན།

འབྲོང་དར་མ་འཚོས་པའི་རྣམ་ཐར་ཡོད།།

ཆར་ཟམ་ཟིམ་འབབ་སའི་རྫ་འདབས་སུ།།

ངའི་ཨ་ཕྱི་རྒན་མོའི་གསང་བ་ཡོད།།

དཀར་འོ་མ་འཁྱིལ་བའི་མཚོ་འགྲམ་ནས།།

གཞས་མགུར་མ་འཐེན་པའི་གཏམ་རྒྱུད་ཡོད།།

གླུ་ཨ་ལ་ལ་མོ་ངས་ལེན།གླུ་ཐ་ལ་ལ་མོ་ངས་ལེན།

གཞས་མགུར་མ་འཐེན་པའི་གཏམ་རྒྱུད་ཡོད།།

སྔོ་གསིང་གསིང་ན་དམར་སྤང་གཞུང་དུ།།

ངའི་ཨ་ཁུའི་རྟ་ཕོའི་རྨིག་སྒྲ་ཡོད།།

རྐྱང་ཁ་དཀར་འདྲ་བའི་མདོ་ཕྲུག་ལ།།

ས་རྒྱ་བོད་བསྐོར་བའི་བང་ཁ་ཡོད།།

གླུ་ཨ་ལ་ལ་མོ་ངས་ལེན།གླུ་ཐ་ལ་ལ་མོ་ངས་ལེན།

ས་རྒྱ་བོད་བསྐོར་བའི་བང་ཁ་ཡོད།།

སྙིང་དམར་ཆུང་ཡིད་ཀྱི་གུར་ཁང་ན།།

ངའི་ཨ་ཕ་དམ་པའི་ཞལ་གདམས་ཡོད།།

སེམས་གངས་དཀར་དབུས་ཀྱི་སྒྲོམ་བུ་ལ།།

ངས་བུ་ལ་བཅངས་བའི་རེ་བ་ཡོད།།

གླུ་ཨ་ལ་ལ་མོ་ངས་ལེན།གླུ་ཐ་ལ་ལ་མོ་ངས་ལེན།

ངས་བུ་ལ་བཅངས་བའི་རེ་བ་ཡོད།།

ས་རྒྱ་བོད་བསྐོར་བའི་བང་ཁ་ཡོད།།

སྙིང་དམར་ཆུང་ཡིད་ཀྱི་གུར་ཁང་ན།།

ངའི་ཨ་ཕ་དམ་པའི་ཞལ་གདམས་ཡོད།།

སེམས་གངས་དཀར་དབུས་ཀྱི་སྒྲོམ་བུ་ལ།།

ངས་བུ་ལ་བཅངས་བའི་རེ་བ་ཡོད།།